[392B]ཨཱརྱ་མ་ཧཱ་མེ་གྷ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་བ་དུས་གཅིག་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་བོའི་ གནས་ན་ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོའི་སྤྲིན་གྱི་དཀྱིལ་འཁོར་ཆེན་པོའི་ཁང་པ་བརྩེགས་པ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའ་དགེ་འདུན་ཆེན་པོ་ [393A]༄༅། །དང། ཀླུའི་རྒྱལ་པོའི་ཚོགས་ཆེན་པོ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་དང། རྒྱ་མཚོ་དང། མ་དྲོས་པ་དང། གཟི་ཅན་དང། ཆུ་ལྷ་དང་ འཇོག་པོ་དང། ཡུལ་འཁོར་སྲུང་དང། ནོར་རྒྱས་ཀྱི་བུ་དང། ཀླུའི་རྒྱལ་པོ་བཏང་བཟུང་དང། ས་སྲུང་གི་བུ་དང། མདོངས་བུ་དང་དཔལ་གྱི་གཟི་བརྗིད་དང། དཔལ་བཟང་དང་ གློག་གི་ཕྲེང་བ་དང། གཙུག་ན་ནོར་བུ་རིན་པོ་ཆེ་དང། གཙུག་ན་ནོར་བུ་ཐོགས་དང། སྣང་ལྡན་གཙུག་ཕུད་ཅན་དང། གཙུག་ཕུད་འཇའ་ཅན་དང། ཀླུའི་རྒྱལ་པོ་དབང་པོའི་ རྒྱལ་མཚན་དང། དབང་པོའི་ཆོས་སྡོང་དང། ཛམྦུའི་རྒྱལ་མཚན་དང། བཀྲ་ཤིས་ལྡན་དང། དཀྱིལ་འཁོར་ཆེན་པོ་ཅན་དང་ལག་གིས་འགྲོ་ཆེན་པོ་དང། སྐར་མདོག་དང་ ཟླ་བའི་གཟི་བརྗིད་དང། དཔལ་གྱི་བློ་གྲོས་དང། ཟླ་མཐོང་དང་ཀླུའི་རྒྱལ་པོ་ལེགས་མཐོང་དང། ཤིན་ཏུ་བརྟན་དང། མགུལ་ན་ནོར་བུ་དང། སྤྲིན་བྱུང་དང། ཆར་རྒྱུན་དང་ རབ་འཇོམས་དང། རྣམ་པར་འཇོམས་དང། མཐུ་བསྒྱིངས་དང། གདེངས་ཀ་ཆེན་པོ་དང། དབྱངས་ཟབ་དང། ཀླུའི་རྒྱལ་པོ་ཆར་སྒྲོག་དང། རྣམ་པར་སྒྲ་འབྱིན་དང། ཨུཏྤ་ལ་ དང། རྩལ་ཆེན་དང། གཤོལ་མདའ་འཛིན་དང། སྣ་ཚོགས་སྡེ་དང་ཞགས་པ་ཆེན་པོ་དང། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་དང། ཀུན་ཏུ་སྣང་དང། རྣ་རྩུབ་དང། དུང་དང། ད་ [393B] ཀླུའི་རྒྱལ་པོ་ཨུ་བ་ད་ར་ད་ར་དང། བདེ་བྱེད་དང། ལག་འགྲོ་དང། ལག་འགྲོ་ཆེན་པོ་དང། དྲི་མ་ཆེན་པོ་དང། འཕུར་ལྡིང་དང། སོག་མ་མེད་དང། འཕྱང་བ་དང། སྲིན་བུ་གན་ དང། ནག་པོ་དང། ཀླུའི་རྒྱལ་པོ་དབང་པོ་སྡེ་དང། འདམ་བུ་དང། ཉེ་བའི་འདམ་བུ་དང། དུད་ཐོགས་དང། འགྲོ་ལྡིང་དང། རབ་མཛེས་དང། གླང་ཆེན་རྣ་དང། རྣོན་པོ་དང། སེར་སྐྱ་དང་གློང་ འབར་དང། གློག་འོད་ཆེན་པོ་དང། སྟོབས་ལྷ་དང། ཆུ་སྟོབས་དང་ཀླུའི་རྒྱལ་པོ་དམ་པ་འགེབས་དང། བདུད་རྩི་ཅན་དང། མུ་སྟེགས་ཅན་དང། བཻ་ཌཱུརྱའི་འོད་ཅན་དང། གསེར་མདོག་ སྒྲ་དང། གསེར་འོད་དང། ཟླ་བའི་རྒྱལ་མཚན་འོད་དང། ཉི་འོད་དང། འཆར་པ་དང། བལ་གླང་མགོ་དང། ཀླུའི་རྒྱལ་པོ་དཀར་པོ་དང། ནག་པོ་དང། གཤིན་རྗེ་དང། དགེ་ཚུལ་དང་ སྦལ་པ་དང། དད་པའི་གཟི་བརྗིད་དང། མུ་ཁྱུད་འཛིན་དང། ས་འཛིན་དང། མགོ་སྟོང་ཅན་དང། གཙུག་ན་ནོར་བུ་དང། ཀླུའི་རྒྱལ་པོ་དོན་ཡོད་མཐོང་དང། སྤྲིན་ཆེན་དང། སྡེ་བཟང་དང། ས་ སྐྱོང་དང། མིས་བྱིན་དང། རྣམ་པར་དུལ་དང། རྒ་བ་འབྱུང་དང། ཆུ་སྲིན་ཀུམྦྷི་ར་དང། ཆུ་སྲིན་ཀུམྦྷི་རའི་གདོང་དང་དུག་འཛིན་དང། ཀླུའི་རྒྱལ་པོ་མྱུར་གདུག་དང། པདྨ་ཀ་དང་འཇུག་ མ་དང། རབ་འཕྱང་དང། འཇིགས་བྱེད་དང། གཟི་བརྗིད་མཛེས་དང་མགོ་ལྔ་པ་དང། བལ་ལི་ར་དང། ཤིང་རྟ་ས་རྒྱལ་དང། ཀླུའི་རྒྱལ་པོ་བླ་མ་དང། ཀླུའི་རྒྱལ་པོ་མཇུག་རིང་དང། མགོ་བོ་ཆེ་ [394A]༄༅། །དང། བིམ་བི་ཀ་དང། བི་ཏ་ར་དང། མགྱོགས་འགྲོ་དང་ཀླུའི་རྒྱལ་པོ་མགོ་གསུམ་དང། ཀླུ་སྡེ་དང། གཟི་ཆེན་དང། འདམ་བུ་བྱིན་དང། ཀླུའི་རྒྱལ་པོ་སྐྲག་ བྱེད་དང། འོད་འབར་དང། མགོ་བདུན་པ་དང། སྟོང་ཆེན་དང་མཐོང་དགའ་དང། རབ་ཏུ་ཆེར་གཏུམ་དང། དྲི་མེད་གཟི་བརྗིད་དང་མིག་བཟང་དང། དྲག་པོ་ཆེན་པོ་དང། འོད་ འཕྲོ་ཕུང་པོ་དང། ཀླུའི་རྒྱལ་པོ་གཏུམ་པོ་དང། ཁྲོ་བོ་དྲག་ཤུལ་ཅན་དང། རིན་ཆེན་ཆུ་སྦྱིན་དང། ཆུ་སྦྱིན་སྤྲིན་ཆེན་དང། དབང་པོའི་འོད་དང། རྐང་པས་འཐུང་དང། སྤྲིན་ཟླ་དང་ རྒྱ་མཚོའི་སྤྲིན་དང། མེ་ཏོག་དྲི་ཆེན་དང། ཀུ་མུ་དའི་འབྱུང་གནས་དང། ཀླུའི་རྒྱལ་པོ་རིན་ཆེན་མིག་དང། ཏོག་ཆེན་པོའི་རྒྱལ་མཚན་དང། སྤྲིན་ཆེན་སྙིང་པོ་དང། ཁ་བ་ཅན་དང་ དཔལ་གྱི་སྙིང་པོ་དང། སྤྲིན་མཐུ་ཅན་དང། མཚན་མོ་འཛིན་དང། ཆུ་སྦྱིན་དང། ཆུ་སྦྱིན་ཆེན་པོ་དང། ཀླུའི་རྒྱལ་པོ་གཟི་བརྗིད་མེད་འདྲ་དང། སྤྲིན་གྱི་དབང་ཕྱུག་རྒྱལ་པོ་དང། ཁྲོ་ མེད་དང། སའི་བུམ་པ་དང། ཀླུ་དཔའ་དང། ཆུ་འཛིན་དང། སྤྲིན་གདུགས་དང། ཨང་གི་རའི་གདོང་དང། གཟི་བརྗིད་ཅན་དང། སྤྲིན་ལས་མངོན་བྱུང་དང། ཀླུའི་རྒྱལ་པོ་གོམ་ སྟབས་མཐའ་ཡས་དང། ཆུ་བྱེད་མཛེས་དང། ལུས་ཆེན་དང། སྤྱད་ལྟོ་དང། ཞི་བ་དང། དཔའ་བ་དང། གསེར་ངན་ཅན་དང། མཆོག་ཏུ་བརྩོན་དང། དུག་དག་དང། དབྱངས་སྙན་ [394B] ཀླུའི་རྒྱལ་པོ་བདུད་རྩིའི་སྙིང་པོ་དང། རབ་ཏུ་ཆར་འབེབས་ཆེན་པོ་དང། རྣམ་པར་གཡོ་དང། འཁྲུགས་སྒྲ་དང་རྔ་སྒྲ་དང། བདུད་རྩི་རྒྱུན་དང། དགའ་བར་བྱེད་པ་དང་འབྲུག་སྒྲོག་ དང། དཔའ་སྡེ་དང། སྲེད་མེད་ཀྱི་བུ་དང། རྒྱ་མཚོའི་གློང་དང། ཀླུའི་རྒྱལ་པོ་ཡོན་པོ་དང། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་སོགས་པ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དག་ འདུས་ཏེ་འཁོད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་དེ་དག་འཁོར་དང་བཅས་ཏེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷང་ས་ ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བླ་མ་ལ་གུས་པ་དང། ཕུ་དུད་ཆེན་པོ་བྱེད་པས་མེ་ཏོག་དང། བདུག་པ་དང། སྤོས་དང། ཕྲེང་བ་དང་ བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། དར་གྱི་ལྡ་ལྡི་དང། རོལ་མོའི་སྒྲ་དང། སིལ་སྙན་དང། ཕེག་རྡོབ་པ་དང། གླུ་དབྱངས་དང་ རིན་པོ་ཆེའི་མེ་ཏོག་དང། རིན་པོ་ཆེའི་ལྡ་ལྡི་དང། མུ་ཏིག་གི་ཕྲེང་བ་དང། ཀླུའི་མེ་ཏོག་དང། མུ་ཏིག་གི་དྲ་བ་མཆོག་ཏུ་མཛེས་པ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་གྲངས་མེད་པ་དག་ བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་སྨོན་ལམ་རྣམས་བཏབ་པ། ལུས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ [395A]༄༅། །ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་དང། འཇིག་རྟེན་གྱི་ཁམས་ རབ་འབྱམས་རྒྱ་མཚོ་ཐམས་ཅད་དང། ས་དང། ཆུ་དང། མེ་དང་རླུང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་དང། གཟུགས་སུ་སྣང་བ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ལས་ རྡུལ་ཕྲ་རབ་ཀྱི་རྡུལ་རེ་ར་ལའང་ལུས་ཀྱི་སྤྲིན་རྒྱ་མཚོ་བགྲང་བའི་རྒྱ་མཚོ་ཐམས་ཅད་ལས་ཡང་དག་པར་འདས་ཏེ་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་ མེད༑ གཞལ་དུ་མེད། བརྗོད་དུ་མེད་པ་ལས་ཡང་དག་པར་འདས་པ་དག་དང། ལུས་རེ་རེ་ལའང་ལག་པ་རྒྱ་མཚོའི་སྤྲིན་ཕྱོགས་ཀུན་གྱི་རྒྱུན་དུ་མངོན་པར་ཕྱོགས་པ་དཔག་ཏུ་མེད། གྲངས་ མེད་པ་དག་བྱིན་གྱིས་བརླབས་ནས་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆར་རེ་རེ་ལས་ཀྱང་མཆོད་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་ཕྱོགས་ཀུན་གྱི་གཞི་རྒྱས་པར་འགེངས་པ་མ་འདྲེས་པ་རྣམས་ཀྱིས་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱའོ་སྙམ་པ་འདི་ལྟ་སྟེ། ཀུན་ཏུ་སྤྱོད་པའི་ལུས་རྒྱ་མཚོ་སྤྲིན་མ་འདྲེས་པ་དཔག་ཏུ་མེད། གྲངས་མེད། བསམ་ གྱིས་མི་ཁྱབ་པ། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའི་ལུས་རྒྱ་མཚོ་སྤྲིན་ [395B]ཁ་དོག་དང། འོད་ཟེར་སྟུག་པོ་དང། ཉི་མ་དང། ཟླ་བ་ཐམས་ཅད་ལྟ་བུའི་ལུས་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམ་པར་ རིན་པོ་ཆེ་ཐམས་ཅད་ཀྱི་ཕྲེང་བ་དང། མེ་ཏོག་གི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་སྣང་བ་ཆེན་པོའི་སྙིང་པོ་ཁང་བ་བརྩེགས་པ་རྒྱ་མཚོའི་སྤྲིན་རྣམས་དང། ཕྱེ་མ་དང། ཤིང་ ལྗོན་པ་ཐམས་ཅད་ཀྱི་མཛོད་རྒྱ་མཚོ་སྤྲིན་རྣམས་དང། སྤོས་དང། བདུག་པ་ཐམས་ཅད་ཀྱི་གཟུགས་ཀུན་ཏུ་སྟོན་པ་རྒྱ་མཚོ་སྤྲིན་རྣམས་དང། སྒྲ་ཐམས་ཅད་སྒྲོག་པའི་རོལ་མོའི་སྒྲ་རྒྱ་མཚོ་ སྤྲིན་རྣམས་དང། སྤོས་ཐམས་ཅད་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས་དེ་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱི་སྤྲིན་ རྒྱ་མཚོ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ། མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཡུལ་ཐམས་ཅད་དུ་བཀོད་པ་རྣམ་པར་སྣང་བར་བྱས་པའི་སྙིང་པོ་ཅན་གྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་ [396A]༄༅། །བྱའོ༑ ༑ཐམས་ཅད་ཀུན་ཏུ་སྣང་བའི་རིན་པོ་ཆེའི་ཆར་འབབ་པ་བཀོད་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་འབར་ དང་ལྡན་པ་སངས་རྒྱས་ལ་ངེས་པར་གྱུར་པའི་དབྱངས་ཀྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ཏུ་སྒྲས་འགེངས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱངས་ཅན་ནོར་ བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ནས་སྒོ་རིན་པོ་ཆེ་འོད་ཟེར་གྱིས་སངས་རྒྱས་ཀྱི་སྤྲུལ་པ་སྣང་བར་བྱེད་པ་རྒྱ་མཚོ་སྤྲིན་རྣམས་དང། འཁོར་གྱི་དཀྱིལ་འཁོར་མ་འདྲེས་པ་ རྣམས་སུ་བཀོད་པ་ཐམས་ཅད་སྣང་བ་ཀུན་ཏུ་སྟོན་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། འོད་འཕྲོ་བ་སྒྲོན་མ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ནོར་བུའི་ རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་རྣམས་སུ་དེ་བཞིན་གཤེགས་པའི་གཞལ་མེད་ཁང་སྣང་བ་ཀུན་ཏུ་སྟོན་པའི་ནོར་བུའི་རྒྱལ་པོ་རྒྱ་ མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྡུལ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་སྣང་བ་རྣམ་པར་སྣང་བར་བྱེད་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་ དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྤྲིན་ཐམས་ཅད་ལ། བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། ། [396B] སྤོས་དང། མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་མ་འདྲེས་པ་རྒྱ་མཚོའི་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེ་རྒྱལ་པོ་ཁ་དོག་མཐའ་ཡས་པ་ཐམས་ཅད་ ཀྱི་རབ་ཏུ་བརྒྱན་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེའི་སྒྲོན་མ་དང། སྤོས་ཀྱི་འོད་འཕྲོ་བ་ཅན་གྱི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། མུ་ཏིག་ཐམས་ ཅད་ཀྱིས་རྣམ་པར་སྤྲས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། མེ་ཏོག་ཐམས་ཅད་ཀྱི་ཟེ་བ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེའི་ཕྲེང་བ་མཐའ་ཡས་པས་ལེགས་པར་བརྒྱན་ པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས་ཕྱོགས་བཅུ་ཀུན་ཏུ་འོད་ཟེར་སྣང་བའི་སྙིང་པོ་ཅན་བཀོད་པ་ཐམས་ཅད་ ཡང་དག་པར་འདུ་བའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་གྱིས་རབ་ཏུ་བརྒྱན་པ་བཀོད་པ་དུ་མ་ཀུན་ཏུ་སྟོན་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་ རྣམས་དང། བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཀུན་ཏུ་རྒྱས་པར་འགེངས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་སྒོ་ཀུན་ཏུ་མེ་ཏོག་གི་རྟ་བབས་དྲིལ་བུའི་དྲ་བ་དབྱངས་ པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ། ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། ། [397A]༄༅། །རི་མོར་བྱའོ། །མཆོད་པར་བྱའོ། །གསེར་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཚོང་ཚོང་དང། ཕྲེང་བ་དང། རིན་པོ་ཆེའི་མགུལ་གདུབ་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་ མཚོ་སྤྲིན་རྣམས་དང། མེ་ཏོག་ལྟར་སྣང་བ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ཨནྡ་རྙིལ་དང། ཛམྦུའི་ཆུ་བོའི་གསེར་གྱི་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་ གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེའི་སྒྲོན་མའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེ་སྣང་གསལ་རྒྱལ་མཚན་གྱི་པདྨ་སྣ་ ཚོགས་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེས་བརྒྱན་པ་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ཨནྡ་རྙིལ་མཛེས་པར་ འབར་བའི་འོད་གསེར་ལྡན་གྱི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། འོད་ཟེར་འབར་བ་ཟད་མི་ཤེས་པའི་གཟི་བརྗིད་དང་ལྡན་པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་ རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འབར་བ་ཐམས་ཅད་བྱུང་བའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འབར་བ་མཆོག་དམ་པ་ཐམས་ཅད་བྱུང་བའི་ པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་གསུང་སྒྲའི་འོད་ཟེར་དང་ལྡན་པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་ [397B]རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ་།སྲེས་ དང། ནོར་བུ་སྣ་ཚོགས་ཐམས་ཅད་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ནས་སྒོ་ལོ་མ་ལས་ཐལ་མོ་སྦྱར་བའི་སྤྲིན་འབྱུང་བའི་སྤོས་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་ཤིང་ ལྗོན་པ་ཐམས་ཅད་ཀྱི་གཟུགས་མཐའ་ཡས་པ་བཀོད་པ་ཀུན་ཏུ་སྟོན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། མེ་ཏོག་ཐམས་ཅད་ཀྱི་སྤྲིན་རབ་ཏུ་འཕྱང་པའི་སྤྲིན་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་ རྣམས་དང། བཀོད་པ་ཐམས་ཅད་འབྱུང་བའི་མཛོད་མཐའ་ཡས་པ་དང་ལྡན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་སྣང་བར་ བྱེད་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། བྱང་ཆུབ་སེམས་དཔའི་ལུས་ཕྱེད་ཙནྡན་ཐམས་ཅད་ཀྱི་ཕྱེ་མར་ཀུན་ཏུ་སྟོན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། བྱང་ཆུབ་ཀྱི་སྙིང་པོ་ ཐམས་ཅད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་འོད་ཅན་གྱི་ཤིང་ལྗོན་པའི་རིན་པོ་ཆེ་གོས་ཐམས་ཅད་ཀྱི་མཛོད་ཉི་མ་ལྟར་སྣང་བར་བྱས་པ་དང་ལྡན་པའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང་ སྒྲ་དབྱངས་ཐམས་ཅད་སྒྲོག་པ་ཡིད་དུ་འོང་བའི་དབྱངས་ཀུན་ཏུ་གཏོང་བའི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་པདྨའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་ [398A]༄༅། །སྤྲིན་རྣམས་དང། ཀུན་ཏུ་མངོན་པར་ཕྱོགས་པའི་ནོར་བུའི་རྒྱལ་པོ་སྣང་བར་བྱེད་པའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རྒྱན་བཀོད་པ་ཐམས་ཅད་ ཀྱིས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་འོད་འཕྲོ་བའི་སྒྲོན་མའི་ཕྲེང་བའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ ནས་སྒྲ་རིན་པོ་ཆེའི་ཤིང་ལྗོན་པ་འབྱུང་བའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། སྤོས་དང། མེ་ཏོག་དང་པདྨ་ཐམས་ཅད་ཀྱི་ཕྲེང་བ་རིན་པོ་ཆེའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་ མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་གདན་བཀོད་པ་ཀུན་ཏུ་སྟོན་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་ཐམས་ ཅད་ཀྱི་ཕྲེང་བ་རབ་ཏུ་དབྱངས་པའི་རྟ་བབས་སྟེགས་བུས་རབ་ཏུ་བརྒྱན་པ་རིན་པོ་ཆེའི་སྤྲིན་གྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེའི་ཡལ་ག་དང་ ཕྱེ་མའི་མཛོད་ཡོད་པའི་སྡོང་པོ་ཐམས་ཅད་ཀྱི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང། སྤོས་སྣ་ཚོགས་དང་རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་ཀུན་ནས་རྒྱན་ཉི་མ་སྣང་ བར་བྱེད་པའི་སྙིང་པོ་ཅན་གྱི་སེངྒེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ [398B] །བླ་མར་བྱའོ། །རི་མོར་བྱའོ་།མཆོད་པར་བྱའོ། །ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ཐམས་ཅད་ཀྱི་གཞལ་མེད་ཁང་རྒྱ་མཚོ་སྤྲིན་རྣམས་དང། ཨནྡ་རྙིལ་གྱི་ཟེ་བ་ ཅན་གྱི་མེ་ཏོག་བཀོད་པ་ཐམས་ཅད་ཀྱི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང། སྤོས་དང། ནོར་བུ་ཐམས་ཅད་ཀྱི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེའི་འོད་འཕྲོ་བའི་སྒྲོན་མའི་གཟུགས་ཀྱི་བླ་བྲེ་ རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་སྟོན་པར་སྣང་བའི་དབྱངས་ཅན་གྱི་ནོར་བུའི་རྒྱལ་པོའི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་སྣ་ཚོགས་ཀྱི་གོས་བཀོད་པ་ཐམས་ ཅད་སྣང་བ་ཀུན་ཏུ་སྟོན་པའི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང་མེ་ཏོག་ཐམས་ཅད་ཀྱི་ཆུ་བོ་འབར་བར་སྣང་བའི་རིན་པོ་ཆེའི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང། དྲིལ་བུ་སྣ་ཚོགས་ཀྱི་སྒྲས་ཀུན་ཏུ་ རྒྱས་པར་འགེངས་པའི་དྲ་བའི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང། བང་[?]འབར་བ་ཁ་དོག་མཐའ་ཡས་པ་སྣ་ཚོགས་སུ་སྣང་བའི་ནོར་བུའི་སྙིང་པོ་ཅན་གྱི་པདྨའི་དྲ་བའི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་ དང། གསེར་གྱི་ཟེ་བ་ཅན་གྱི་འོད་ཟེར་སྣང་བའི་རྒྱལ་མཚན་གྱི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་བའི་འོད་མཐའ་ཡས་པ་བཀོད་པ་ཐམས་ཅད་ཀྱི་རྒྱན་ གྱི་བླ་བྲེ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་གང་ཆེན་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ།། [399A]༄༅། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་ བྱིན་གྱིས་བརླབས་ལ་རིན་པོ་ཆེ་བཅུའི་འོད་ཟེར་སྣང་བ་བཀོད་པའི་མེ་ཏོག་གི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། མུ་ཏིག་ཁ་དོག་མཐའ་ཡས་པའི་མཛོད་ཀྱི་གདུགས་རྒྱ་མཚོ་སྤྲིན་ རྣམས་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེའི་སྒོའི་སྒྲའི་ནོར་བུ་རྒྱལ་པོའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འཕྲོ་ བའི་ཕྲེང་བའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེའི་རྡུལ་ཀུན་ཏུ་སྣང་བས་རབ་ཏུ་བརྒྱན་པའི་དྲིལ་བུའི་དྲ་བ་དབྱངས་པའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་ཐམས་ ཅད་ཀྱི་སྡོང་པེའི་ཡལ་གའི་རྒྱན་གྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། ཉི་མ་རྣམ་པར་སྣང་བར་བྱེད་པའི་འོད་འཕྲོ་བའི་ནོར་བུའི་རྒྱལ་པོ་དང། སྤོས་དང། བདུག་པ་ཐམས་ཅད་ཀྱི་ གདུགས་རྒྱ་མཚོ་སྤྲིན་རྣམས་དང། ཙནྡན་གྱི་ཕྱེ་མའི་མཛོད་ཀུན་ཏུ་རྒྱས་པར་འགེངས་པའི་གདུགས་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་སྣང་བར་བྱེད་པ་ ཀུན་ཏུ་བཀོད་པས་རྒྱས་པར་འགེངས་པའི་གདུགས་རྒྱ་མཚོ་སྤྲིན་པ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། ། [399B] །རི་མོར་བྱའོ། །མཆོད་པར་བྱའོ། །རིན་པོ་ཆེ་ཐམས་ཅད་སྣང་བའི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རྒྱ་ མཚོ་སྤྲིན་མ་འདྲེས་པ་རྣམས་དང། མེ་ཏོག་གི་སྤྲིན་སྣང་བར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་སངས་རྒྱས་ཀྱི་སྤྲུལ་པའི་འོད་ཀྱི་ དཀྱིལ་འཁོར་དང་ལྡན་པ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གཏོགས་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། ཀུན་ནས་སྒོ་སངས་རྒྱས་ཀྱི་ཡུལ་ རྟོགས་པ་རིན་པོ་ཆེའི་ཡལ་གའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། བཻ་ཌཱུརྱ་དང། རིན་པོ་ཆེའི་རིགས་དང། ནོར་བུ་རིན་པོ་ཆེའི་རི་རྒྱལ་པོ་ཐམས་ཅད་ཀྱི་འོད་ཟེར་གྱི་འོད་ཀྱི་དཀྱིལ་ འཁོར་རྒྱ་མཚོ་སྤྲིན་རྣམས་དང། སེམས་ཅན་གྱི་གཟུགས་མཐའ་ཡས་པ་དག་སེམས་ཀྱི་སྐད་ཅིག་ལ་ཀུན་ཏུ་སྟོན་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ ཅད་ཀྱི་སྨོན་ལམ་ལས་བྱུང་བ་ཡིད་དུ་འོང་བའི་སྒྲ་རབ་ཏུ་འབྱིན་པ་དང་ལྡན་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སེམས་ཅན་འདུལ་བའི་ དབྱངས་ཅན་ནོར་བུའི་རྒྱལ་པོའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ།། [400A]༄༅། །མཆོད་པར་བྱའོ། །ནོར་བུ་ཐམས་ཅད་ཀྱི་མཛོད་ཀྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང། སྒྲ་དང། དྲི་དང། རོ་དང་ རེག་བྱའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྒྲོག་པ་རྒྱས་པར་འགེངས་པའི་འོད་ཟེར་རྒྱ་མཚོ་སྤྲིན་ རྣམས་དང། སངས་རྒྱས་ཀྱི་ཞིང་བཀོད་པ་ཐམས་ཅད་སྣང་བར་བྱེད་པའི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། མེ་ཏོག་གི་ཁང་པ་བརྩེགས་པ་ཐམས་ཅད་ཀྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང་ རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་གྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། བསྐལ་པ་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྲོག་པ་ ཅན་གྱི་འོད་ཟེར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་མི་ཟད་པ་ཐམས་ཅད་བསྟན་པ་དང། མེ་ཏོག་ཐམས་ཅད་ཀྱི་ཟེ་བའི་འོང་ཟེར་རྒྱ་མཚོ་སྤྲིན་རྣམས་དང། ཁྲི་སྟན་བཀོད་པ་ཐམས་ཅད་ ཀུན་ཏུ་སྟོན་པའི་འོད་ཟེར་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་ པར་བྱའོ། །རིན་པོ་ཆེའི་འོད་འཕྲོ་བ་ཁ་དོག་མཐའ་ཡས་པ་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་དང། ཀུན་ཏུ་འོད་ཀྱི་ནོར་བུའི་རྒྱལ་པོ་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ [400B]པའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སྤོས་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། བཀོད་པ་ཐམས་ཅད་ཀྱི་འོད་ འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཟེ་བ་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང་ གོས་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་སྤྱོད་པ་དབྱངས་ཅན་ནོར་བུའི་རྒྱལ་པོའི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་རྣམས་དང། མུ་ཏིག་ གི་སྒྲོན་མ་ཐམས་ཅད་ཀྱི་འོད་འཕྲོ་བ་རྒྱ་མཚོ་སྤྲིན་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་གང་ཆེན་མཚོའི་སྤྲིན་གྱི་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། ། བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །སྤོས་དང་མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་རྒྱན་རྒྱ་མཚོ་སྤྲིན་བསམ་གྱིས་མི་ཁྱབ་པ་རྣམས་དང། རིན་པོ་ཆེའི་འོད་འཕྲོ་བ་ཐམས་ཅད་ ཀྱི་པདྨའི་དྲ་བ་རྒྱ་མཚོ་སྤྲིན་རྣམས་དང། ནོར་བུ་རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་འོད་ཀྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་ལྡན་པའི་མུ་ཏིག་གི་ མཛོད་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་དང། སྤོས་དང་ཙནྡན་ཐམས་ཅད་ཀྱི་ཕྱེ་མ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་རྒྱ་མཚོ་སྤྲིན་རྣམས་དང་ནོར་བུའི་ [401A]༄༅། །རྒྱལ་པོ་ཡིད་དུ་འོང་ཞིང་སྡུག་པ་མཛེས་པའི་དབྱངས་ཅན་རྒྱ་མཚོ་སྤྲིན་རྣམས་དང། ཉི་མའི་འོད་ཀྱི་ནོར་བུའི་ཚོགས་ཀྱི་ཕྲེང་བ་རྒྱ་མཚོ་སྤྲིན་རྣམས་དང། རིན་པོ་ ཆེའི་མཛོད་མཐའ་ཡས་པ་རྒྱ་མཚོ་སྤྲིན་རྣམས་དང། ཐམས་ཅད་ཀུན་ཏུ་བཟང་པོའི་ལུས་མ་འདྲེས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་གང་ ཆེན་མཚོའི་སྤྲིན་གྱི་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ་།བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། ཞེས་དེ་ལྟ་བུའི་སྨོན་ལམ་བཏབ་ནས་ཀླུའི་རྒྱལ་པོ་དེ་དག་གིས་ཡང་ བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཞབས་ལ་ཕྱག་བཙལ་བ་དང། བཅོམ་ལྡན་འདས་ཀྱིས་གནང་ནས་རང་རང་གི་སྟན་ལ་འཁོད་དོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་ པོའི་ཀླུའི་བདག་པོ་ཆེན་པོ་ཕྱིར་མི་ལྡོག་པའི་སྨོན་ལམ་གྱི་སྟོབས་ཅན་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ཞེས་བྱ་བ་དེ་ བཞིན་གཤེགས་པ་ལ་མཆོད་པ་བྱ་བ་དང། ཕྱབ་བྱ་བ་དང་བསྙེན་བཀུར་བྱ་བ་དང། ཆོས་མཉན་པའི་ཕྱིར་ཛམྦུའི་གླིང་འདིར་འོངས་སོ། །དེ་ནས་ཀླུའི་བདག་པོ་གཡོག་མཐའ་ཡས་ རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་ [401B]བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ༑ ༑ཀླུའི་བདག་པོ། ཅི་དང་ཅི་འདོད་པ་དྲིས་ཤིག་དང། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ་།དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས། ཇི་ལྟར་ན། ཀླུ་ཐམས་ ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པ་དང་རབ་ཏུ་དགའ་བར་འགྱུར། ཛམྦུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་འགྱུར། རྩྭ་ དང། ཤིང་གེལ་པ་དང། སྨན་དང། ནགས་ཚལ་ཐམས་ཅད་འཁྲུངས་པར་འགྱུར། འབྲུ་ཐམས་ཅད་སྐྱེ་བར་འགྱུར། བཅུད་ཐམས་ཅད་ཡང་དག་པར་སྐྱེ་བར་འགྱུར། གང་གིས་ཛམྦུའི་ [402A]༄༅། །གླིང་གི་མི་རྣམས་བདེ་བ་དང་ལྡན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་ བའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་པོ། ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བའི་ཕྱིར་ཞུགས་ཏེ་ དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །ཀླུའི་བདག་པོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང། ངས་ཁྱོད་ ལ་བཤད་དོ། །ཀླུའི་བདག་པོ། ཆོས་གཅིག་དང་ལྡན་ན། ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་འགྱུར་བ་དེ་དང་ལྡན་པར་འགྱུར་རོ། །ཆོས་གཅིག་པོ་གང་ ཞེ་ན་འདི་ལྟ་སྟེ། བྱམས་པའོ། །ཀླུའི་བདག་པོ། བྱམས་པ་དེ་ལ་གནས་པའི་ལྷ་དང། མི་རྣམས་ནི། མེས་མི་ཚུགས། མཚོན་གྱིས་མི་ཚུགས། ཆུས་མི་འཁྱེར། དུག་གིས་མི་ཚུགས་ ཕ་རོལ་གྱི་དམག་ཚོགས་ཀྱིས་ཟིལ་གྱིས་མི་ནོན། བདེ་བར་གཉིད་ཀྱིས་ལོག་པར་འགྱུར། བདེ་བར་སད་པར་འགྱུར། རང་གི་བསོད་ནམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། བསོད་ ནམས་ཆེན་པོའི་གཟི་བརྗིད་ཀྱིས་གཟི་ཅན་དུ་འགྱུར། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར། མཛེས་པ་དང་མཐོང་ན་དགའ་བར་འགྱུར། འགྲོ་བ་ཐམས་ཅད་དུ་ [402B] སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང་རབ་ཏུ་དགའ་བར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པ་དང། མིའི་ཆོས་བླ་མ་རྟོགས་ནས་ལུས་ཞི་ པའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ། ལྷ་དང་མིའི་བྱམས་པ་ལ་གནས་པ་རྣམས་ཀྱི་ཕན་ཡོན་ནི་འདི་དག་གོ་ཀླུའི་བདག་པོ། དེ་བས་ན། བྱམས་ པའི་ལུས་ཀྱི་ལས་དང། བྱམས་པའི་ངག་གི་ལས་དང། བྱམས་པའི་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ། །ཀླུའི་བདག་པོ། གཞན་ཡང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་ གཟུངས་བརྗོད་པར་བྱ་སྟེ། དེས་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད། བདེ་བ་ཐམས་ཅད་སྦྱིན་པར་བྱེད་དེ། ཛམྦུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་ འབེབས་པར་བྱེད། རྩྭ་དང། ཤིང་གེལ་པ་དང། སྨན་དང། ནགས་ཚལ་དང། ལོ་ཐོག་ཐམས་ཅད་སྐྱེ་བར་བྱེད་དོ། །ཀླུའི་བདག་པོ། དེ་ལ་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་ གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། སམ་པྲ་ཏི་ཤྛི་ཏེ། བི་ཛ་ཡ་བརྣ། སད་ཏྱ་པྲ་ཏིཛྙཱ་ས་ར་དཱ། ཛྙཱ་ན་བ་ཏི། ཨུད་པ་ད་ནི་བི་ནཱ་མ་ནི། ཨ་བཧི་ཥེ་ཙ་ནི། ཨ་བཧི་བྱཱ་ཧཱ་ར་ ཤུ་བྷ་བ་ཏི། ཛཱི་མ་ཏུ། ཨེ་ཧི་ཀུ་མ་བཱ་ལ་ན། བ་ཧ་ཧ་ར་ཀླེ་ཤཱ་ན་དཧུ་ན་བཱ་བ་མ། ཤོ་དྷ་ཡ་མཱརྒ་ན། ནི་རཱ་ཧི་ཀ་དྷརྨཱ་ཏཱ་ཤུདྡྷཱ། ལོ་ཀ་པི་ཏི་རི་མི་ར་རཱ་ཛ་ས་དུ་ཁ། ཤ་མ་ན་སརྦ་བུདྡྷ་ཨ་བ་ལེ་ཀ་ན་ [403A]༄༅། །ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྙཱ་ན་བཧེ་སཱཧཱ། ཀླུའི་བདག་པོ། །གཟུངས་ཀྱི་ཚིག་དོན་ཐམས་ཅད་སྒྲུབ་པར་བྱེད་པ། ཆོས་ཀྱི་སྐུ་ལ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱིས་ བྱིན་གྱིས་བརླབས་པ། བདེ་བ་ཐམས་ཅད་སྦྱིན་པ་འདི་དག་གཟུང་བར་བྱ། བརྗོད་པར་བྱའོ། །ཀླུའི་བདག་པོ། གཞན་ཡང་སྤྲིན་གྱི་རིགས་ལས་འབྱུང་བའི་བྱིན་གྱི་རླབས་བཀོད་པ་ གཟི་བརྗིད་ཀྱི་སྙིང་པོ་སྤྲུལ་པ་སྣང་བར་བྱེད་པ། ཡེ་ཤེས་ཀྱི་ཏོག་གི་ཆུའི་རྒྱུན་གྱི་སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན་པ་གསེར་གྱི་འོད་ཟེར་རྣམ་པར་སྣང་བར་བྱེད་པ། སྐྲའི་ རྩེ་མོའི་ཆ་ཤས་གཅིག་ལས་བྱུང་བའི་རུས་དང་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་གཟུང་བར་བྱའོ། །ཡིད་ལ་བྱའོ། །དེ་དག་གིས་ཀླུ་ཐམས་ཅད་དང། ཀླུའི་རིགས་ ཐམས་ཅད་དང། ཀླུའི་རུས་ཐམས་ཅད་དང། ཀླུའི་ཆོ་རིགས་ཐམས་ཅད་དང། ཀླུ་འབྱུང་བ་ཐམས་ཅད་དང། ཀླུའི་སྐྱེ་གནས་ཐམས་ཅད་དང། ཀླུའི་རྒྱལ་པོ་ཐམས་ཅད་དང་ ཀླུའི་བུ་མོ་ཐམས་ཅད་དང། ཀླུའི་གཡོག་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད། བདེ་བའི་ཡོ་བྱད་ཐམས་ཅད་སྒྲུབ་པར་བྱེད་དོ། །ཀླུའི་བདག་པོ། དེ་ལ་དེ་ བཞིན་གཤེགས་པའི་མཚན་དེ་དག་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྙིང་པོ་ཅན་གྱི་སྤྲིན་ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ [403B]གྱིས་རྣམ་པར་མཛེས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ་འཛིན་ལ་ཕྱག་འཚལ་ ལོ༑ ༑བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ལྡན་སྤྲིན་གྱི་གཟི་བརྗིད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འབྱུང་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རླུང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་མཁའ་ དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་གློག་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ སྤྲིན་ཆེན་མཐུ་རྩལ་དཔའ་བོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་མཛེས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་སྡུག་ ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་དཀྱིལ་འཁོར་ཆེན་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་འོད་ལ་ ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སེངྒེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་གདུགས་ལ་ཕྱག་འཚལ་ལོ། ། [404A]༄༅། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བལྟ་སྡུག་སྤྲིན་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོས་ཁེབས་པ་ལ་ ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལས་བྱུང་བ་སྣང་བར་བྱེད་པའི་དཀྱིལ་འཁོར་ཕྱོགས་བཅུ་མཐོ་འགེབས་རྔའི་སྒྲ་དབྱངས་ཤིན་ཏུ་རབ་སྒྲོག་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་བསིལ་འབྱུང་མི་དགའ་རབ་འཇོམས་སྒྲ་ཟབ་སྒྲོག་པ་ལ་ཕྱག་འཚལ་ལོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་སྤྲིན་ཆེན་བདལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གངྒཱའི་ཆུ་སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩལ་གྱིས་སྤྲིན་ ལྟར་དཔའ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲ་བསྒྲགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཀུན་ཏུ་སྟོན་ ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་རྒྱ་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་འཛག་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་སྒྲོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་འཕགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ [404B]ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་ལོ་ཏོག་སྐྱེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་སྤྲིན་གྱི་གནས་ལ་གནས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆར་སྤྲིན་གྱི་སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་སྤྲིན་འདུ་བར་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་རྣམ་པར་རྒྱས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་སྤྲིན་ཆེན་ཨུཏྤ་ལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་སྤོས་ཀྱི་སྐུ་ལ་ཕྱག་འཚལ་ལོ་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ སྤྲིན་ཆེན་འཕགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་འོད་ མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་བྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྤྲིན་ལྟ་བུ་ལ་ ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ་བ་ལ་ཕྱག་ [405A]༄༅། །འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་སྡུད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དུས་མ་ཡིན་པའི་སྤྲིན་དང་ ལྕེ་འབབ་པ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་ལྟར་ནམ་མཁའ་མཐོང་ནས་བསྒྲགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་སྤྲིན་ཆེན་སྒྲ་འབྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་ཆར་ཆུ་སྐྱེས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་སྙོམས་པའི་གཟི་བརྗིད་སྒྲུབ་པའི་སྤྲིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རོ་བྲོ་བ་དྲུག་དང་ལྡན་པའི་ཆུ་ཆེན་པོའི་སྤྲིན་ལ་ཕྱག་འཚལ་ ལོ༑ ༑བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆུ་འཐོར་སྤྲིན་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱ་མཚོ་འགེངས་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆར་མི་འབབ་པ་ན་སྤྲིན་གྱིས་ཀུན་ཏུ་འགེབས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ ཡས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཆེན་པོ་ཐམས་ཅད་རྣམ་པར་སྒྲུབ་པ་ཛམྦུའི་ [405B]ཅན་རྣམས་ལ་ཕྱག་འཚལ་ལོ། །ཀླུའི་བདག་པོ། དེ་བཞིན་གཤེགས་པའི་མཚན་འདི་དག་བརྗོད་པས་ཀླུ་ཐམས་ཅད་ཀྱི་ཀླུའི་ སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང། བདེ་བ་ཐམས་ཅད་དང་ལྡན་པ་དང། ཛམྦུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབབ་པ་དང། རྩྭ་དང། ཤིང་གེལ་པ་དང། སྨན་དང།། ནགས་ཚལ་དང། ལོ་ཐོག་ཐམས་ཅད་སྐྱེ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཀླུ་བདག་པོ་ཆེན་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་ གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས། སླད་མའི་ཚེ་སླད་མའི་དུས་ན་ཛམྦུའི་གླིང་འདིར་ཆར་མི་འབབ་པའི་ཚེ་གང་དག་བརྗོད་ན་ ཆར་གྱི་རྒྱུན་ཆེན་པོ་འབབ་པར་བགྱིད་པ་དང། མི་ཟད་པའི་དུས་ཀྱི་ཚེ་དང། གནོད་པ་འབྱུང་བའི་དུས་ཀྱི་ཚེ་དང། ཆོས་མ་ལགས་པས་སྐྱེ་བ་ཐོབ་པའི་དུས་ཀྱི་ཚེ་དང། ཡམས་ཀྱི་ནད་ དང། གནོད་པ་འབྱུང་བའི་དུས་ཀྱི་ཚེ་དང། ནད་དང་འཆི་བའི་དུས་ཀྱི་ཚེ་དང། སྐར་མ་མ་རུངས་པ་གནས་པའི་དུས་ཀྱི་ཚེ་ཡམས་ཀྱི་ནད་དང། འཚེ་བ་དང། གནོད་པ་ཐམས་ཅད་རབ་ ཏུ་ཞི་བར་བགྱིད་པ་དེ་ལྟ་བུའི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བཤད་དུ་གསོལ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་པར་གསོལ། གང་དག་ཀླུ་ཐམས་ཅད་ [406A]༄༅། །ལ་སྐུལ་མ་འདེབས་པར་འགྱུར་བ་དང། ལྷ་ཐམས་ཅད་རབ་ཏུ་དགའ་བར་འགྱུར་བ་དང། བདུད་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་བ་དང། སེམས་ཅན་ ཐམས་ཅད་ཀྱི་འཇིགས་པ་ཐམས་ཅད་འཇིག་པར་འགྱུར་བ་དང། གནོད་པ་ཐམས་ཅད་ཟློག་པར་འགྱུར་བ་དང། ཞི་བ་དང་བདེ་ལེགས་སུ་འགྱུར་བ་བགྱིད་པ་དང། རྒྱུ་སྐར་མ་རུངས་ པས་བགྱིས་པ་རབ་ཏུ་ཞི་བར་འགྱུར་བ་དང། བཅོམ་ལྡན་འདས་ཀྱིས་ཆར་བའི་བར་ཆད་ལྔ་གསུངས་པ་གང་ལགས་པ་དེ་དག་ཐམས་ཅད་སེལ་བར་འགྱུར་བ་དང། ཛམྦུའི་གླིང་ འདིར་ཆར་པའི་རྒྱུན་ལེགས་པར་འབབ་པར་འགྱུར་བ་དེ་ལྟ་བུའི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བཅོམ་ལྡན་འདས་མཆོག་ཏུ་ཐུགས་རྗེ་དང་ལྡན་པ། སེམས་ཅན་ཐམས་ ཅད་ལ་ཕན་པར་ཐུགས་བརྩེ་བ་དང་ལྡན་པས་བཤད་དུ་གསོལ། བཅོམ་ལྡན་འདས། བདག་དེ་བཞིན་གཤེགས་པ་ལ་གསོལ་བ་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་བདག་ པོ༑ ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དང། ཕན་པ་དང། བདེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་ལེགས་སོ་ལེགས་སོ་།ཀླུའི་བདག་པོ། དེའི་ཕྱིར་ལེགས་ [406B] སྙིང་རྗེ་ཆེན་པོ་ལས་བྱུང་བ་འབྲུག་ཆེན་པོའི་སྒྲ་ཅན་བསྒྱིངས་པ་དཔའ་བའི་ཏོག་ཅེས་བྱ་བའི་གཟུངས་སེམས་ཅན་ཐམས་ཅད་ཀྱི་དོན་དང་ ཕན་པ་དང། བདེ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བ་བཤད་པར་བྱ་སྟེ། དེ་ནི། ཆར་མེད་པའི་ཆེ་ཆར་འབབ་པར་བྱེད། ཆར་ཆེས་ན་ གཅོད༑ འཆི་བའི་གནོད་པ་རབ་ཏུ་ཞི་བར་བྱེད། ཀླུ་ཐམས་ཅད་སྐུལ་བར་བྱེད༑ ལྷ་ཐམས་ཅད་སིམ་པར་བྱེད་དོ། །བདུད་ཐམས་ཅད་རྣམ་པར་འཇོམས་བྱེད༑ སེམས་ཅན་ཐམས་ཅད་བདེ་ པ་ཐམས་ཅད་དང་ལྡན་པར་བྱེད་དོ། །ཏདྱ་ཐཱ། མ་ཧཱ་ཛྙཱ་ན་ཨ་བ་བྷཱ་སཱ་ནི། ཤྲཱི་ཏེ་ཛོ་ལཀྵི་དྲིཥྚི་བི་ཀྲ་མ། བཛྲ་སིདྷ་ཏ་ནེ། པ་ར་མ་བི་རཱ་ཛ། ནི་རྨ་ལ་གུ་ཎ་ཀེ་ཏུ་སཱུ་རྱ་བྲ་བཧེ། བི་མ་ལཱངྒ་ཡ་ཥྚི། བྷ་ར་ བྷ་ར༑ སམྦྷ་ར་སམྦྷ་ར། དུ་དུམྦུ། ཧ་ན་ཧ་ན། མ་ཧཱ་པྲ་བཧེ། བི་བྷཱུ་ད་མ་ཧཱ་མ་ཧོ་ཨནྡྷ་ན་ཀཱ་རེ། པྲ་ཛྙཱ་གྲ་ཤུདྡྷེ། བ་རི་བཱུརྞྞ་མཻ་ཏྲེ། མཻ་ཏྲ་བི་ར་ཎ་སྐནྡྷ། མཻ་ཏྲཱ་མ་བུདྡྷ་རེ། ཛ་ལ་ཛ་ལ། ཛ་ལ་ཛ་ལ། ཛ་ ལམ་བུདྡྷ་རེ། བོ་དྷྱངྒ་ཀུ་སུ་མེ། ད་ཤ་བ་ལེ། ཙ་ཏུ་ར་བཻ་ཤྭ་ར་བཧེ། ཨ་ཤྲཱ་ད་ཤ་ཨ་པེ་ནི་ག་བུདྡྷ་དྷརྨེ། ཤུ་བྷ་མ་དི། པུ་ཎྱ་རཱ་ཤཱི། ཤུཀླ་དྷ་ར་མ་ས་མ་བ་ནྭི་ཏེ་གམྦྷཱི་རེ། བི་ར་ཛ་ཡེ། བི་མ་ལ་ བི་ཤི་ཥ་པྲཱ་བཧེ། ནི་རཱ་སྲ་པ་དྷརྨེ། སརྦ་ལོ་ཀ་ཛྱཻ་ཥྛ། ཛེ་ཥྛ་པ་ར་པྲ་བ་རེ། ཨ་ནུཏྟ་རེ། ཨ་སངྒེ། དྷ་ར་དྷ་ར། དཧི་རི་དཧི་རི། དཧུ་རུ་དཧུ་ར་ཤནྟ་མ་ཏེ། ཤཱནྟ་བེ་གེ་།ཙ་ར་ཙ་ར། ཙ་ར་ཙ་ར། ཙི་རི་ཙི་རི་ [407A]༄༅། །ཙུ་རུ་ཙུ་རུ། པ་ར་མ་བུདྡྷཱ་ནུ་མ་ཏེ། མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏེ་སཱཧཱ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་རྒྱ་མཚོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ཛམྦུའི་གླིང་འདིར་ཆར་དབབ་པའི་ཕྱིར་ཀླུ་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱའོ། །སངས་རྒྱས་ དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ཆར་བའི་བར་ཆད་བྱེད་པ་ལྔ་བསལ་བར་བྱའོ། །སཏྱ་ཐེ་ད་ན། ས་ར་ས་ར་སི་རི་སི་རི། སུ་རུ་སུ་རུ། ནཱ་གཱ་ནཱ་ན། ཛ་བ་ཛ་བ། ཛི་ བི་ཛི་བི། ཛུ་བུ་ཛུ་བུ། ཀླུ་ཆེན་པོ་དག་ཚུར་ཤེག་སངས་རྒྱས་ཀྱི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀླུའི་བདག་པོ་ཆེན་པོ་དག་ ཚུར་ཤེག་ཀྱེ་ཀླུ་ཆེན་པོ་དག་སངས་རྒྱས་ཀྱི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་བ་ར་བ་ར། བི་རི་བི་རི། བུ་རུ་བུ་རུ། སངས་རྒྱས་ཀྱི་བདེན་པས་ཀླུ་ཐམས་ཅད་ དགུག་པར་བྱའོ། །བྱམས་པའི་སེམས་དང། སྙིང་རྗེའི་སེམས་དང་དགའ་བའི་སེམས་དང། བཏང་སྙོམས་ཀྱི་སེམས་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་བྱིན་གྱི་རླབས་དང། བདེན་པ་དང། བྱམས་པ་ཆེན་པོས་ཀླུའི་བདག་པོ་ཆེན་པོ་དག་ཚུར་ཤེག་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་ [407B]བྷ་ར་བྷ་ར་བཧི་རི་བཧི་རི། བཧུ་རུ་བཧུ་རུ། ཆུ་ཆེན་པོའི་ཆུ་དང། སྤྲིན་གྱི་ཆུ་འཆང་བ་ཅན་ལག་གིས་འགྲོ་ཆེན་པོའི་གཡོག་རྣམས་བྱམས་ པའི་སེམས་ཀྱིས་ཚུར་ཤེག་སྟོན་པའི་བསྟན་པ་དམ་པ་དྲན་པར་གྱིས་ཤིག་གྷ་ཌ་གྷ་ཌ། གྷི་ཌི་གྷི་ཌི། གྷུ་ཌུ་གྷུ་ཌུ། དྲག་ཤུལ་ཅན་ཁྲོ་བ་ཤུགས་ཆེན་པོ་དང་ལྡན་པ། དུག་ཆེན་པོའི་ ལྕེ་འབྱིན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་ཚུར་ཤེག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པས་ཛམྦུའི་གླིང་འདིར་ཆར་ཕོབ་ཅིག་སཱཧཱ། ཏ་ཊ་ཏ་ཊ། ཏི་ཊི་ཏི་ཊི། ཏུ་ཏི་ ཏུ་ཊུ༑ ནོར་བུ་ཆེན་པོའི་ཅོད་པན་ཐོགས་པ་དང་ལྡན་པ་སྤྲུལ་གདུག་པའི་གཟུགས་ཅན་རྣམས་དཀོན་མཆོག་གསུམ་གྱི་བྱིན་གྱི་རླབས་དྲན་པར་གྱིས་ལ། རྡོ་རྗེ་འཆང་གི་བདེན་པས་ ཛམྦུའི་གླིང་འདིར་ཆར་ཕོབ་ཅིག་སཱཧཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཆུ་ཆེན་པོ་ལ་གནས་པ་དང་ལྡན་པ་སྤྲིན་ཆེན་པོ་བརྩེགས་པའི་བཞོན་པ་ལ་ཞོན་ནས་མངོན་པར་ འགྲོ་བ་རྣམས་ཚུར་ཤེག་བྱམས་པའི་སེམས་ཀྱིས་ཛམྦུའི་གླིང་འདིར་ཆར་གྱི་རྒྱུན་ཐོང་ཞིག་དེ་བཞིན་གཤེགས་པའི་བདེན་པ་དང། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལག་ ན་རྡོ་རྗེས་བསྒོ་བ། ར་ལ་ར་ལ། རི་ལི་རི་ལི། རུ་ལུ་རུ་ལུ། ལག་གིས་འགྲོ་ཐམས་ཅད། ཁྱེད་རྣམས་གཉིད་མེད་པར་དུས་གསུམ་གྱི་དེ་བཞིན་གཤེགས་པའི་བདེན་པས་གྷ་མ་གྷ་མ་ [408A]༄༅། །གྷི་མི་གྷི་མི། གྷུ་མུ་གྷུ་མུ་སཱཧཱ། ཀླུ་ཐམས་ཅད་དགུག་གོ་བྱམས་པའི་སེམས་ཀྱིས་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་ན་ར་ན་ར། ནི་རི་ནི་རི། ནུ་རུ་ནུ་རུ་ སཱཧཱ༑ ཡོན་པོ་སྣ་ཚོགས་སུ་གྱུར་པ་མགོ་སྟོང་པ། མགོ་དང་མིག་དམར་བ། སྟོབས་ཆེ་བའི་ལྟོ་འཕྱེ་ཆེན་པོ་རྣམས་དགུག་པར་བྱའོ་།ཀྱེ་ཀྱེ་ལག་གིས་འགྲོ་ཆེན་པོ་དག་མཆོག་ཏུ་ ཐུགས་རྗེ་ཅན། བསོད་ནམས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་བརྗིད་པ་ཉོན་མོངས་པ་དང་བྲལ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་དྲན་པར་གྱིས་ཤིག་ག་ཊ་ ག་ཊ༑ གི་ཊི་གི་ཊི། གུ་ཊུ་གུ་ཊུ་སཱཧཱ། སྟོབས་དང། ཕ་རོལ་གནོན་པ་དང། གཟི་བརྗིད་ཐོགས་པ་མེད་པ་དང་ལྡན་པ་དག་གིས་ཛམྦུའི་གླིང་འདིར་ཆར་གྱི་རྒྱུན་རྣམས་ཕོབ་ཅིག་ ཤ་ར་ཤ་ར། ཤི་རི་ཤི་རི། ཤུ་རུ་ཤུ་རུ་སཱཧཱ། ཀྱེ་ཀྱེ་ཀླུ་ཆེན་པོ་རྣམས། རང་རང་གི་རིགས་དང། ཆོ་རིགས་དྲན་པར་གྱིས་ལམ་བཤོལ་བར་ལྷ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་ རླབས་ཀྱིས་ཛམྦུའི་གླིང་འདིར་ཆར་གྱི་རྒྱུན་ཕོབ་ཅིག་སཱཧཱ་ཚངས་པའི་བདེན་པའི་བྱིན་གྱི་རླབས་ཀྱིས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། བརྒྱ་བྱིན་གྱི་བདེན་པས་ ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། རྒྱལ་པོ་ཆེན་པོ་བཞིའི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་བརྒྱད་པོའི་བདེན་པས་ཛམྦུའི་གླིང་ [408B] ཀླུ་ཆེན་པོ་དག་རྒྱུན་དུ་ཞུགས་པའི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་ལན་གཅིག་ཕྱིར་འོང་བའི་བདེན་པས་ ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་།ཕྱིར་མི་འོང་བའི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་དགྲ་བཅོམ་པའི་བདེན་པས་ ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་།རང་སངས་རྒྱས་ཀྱི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་སངས་རྒྱས་དང། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུ་ཆེན་པོ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང། བྱིན་གྱི་རླབས་ཀྱིས་ཛམྦུའི་ གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ལྷ་ཐམས་ཅད་ཀྱི་བདེན་པས་གནོད་པ་ཐམས་ཅད་ཞི་བར་གྱིས་ཤིག་སཱཧཱ། ཀླུ་ཐམས་ཅད་ཀྱི་བདེན་པས་ས་ཆེན་པོ་འདིར་རབ་ཏུ་ཆར་ཕོབ་ཅིག་སཱཧཱ་ གནོད་སྦྱིན་ཐམས་ཅད་ཀྱི་བདེན་པས་སེམས་ཅན་ཐམས་ཅད་སྲུངས་ཤིག་སཱཧཱ། དྲི་ཟ་ཐམས་ཅད་ཀྱི་བདེན་པས་མི་རྣམས་ཀྱི་འཁྲུག་པ་དང་གནོད་པ་ཐམས་ཅད་སོལ་ཅིག་སཱཧཱ། ལྷ་མ་ ཡིན་ཐམས་ཅད་ཀྱི་བདེན་པས་རྒྱུ་སྐར་མ་རུངས་པ་ཐམས་ཅད་རྣམ་པར་ཟློག་ཅིག་སཱཧཱ། ནམ་མཁའ་ལྡིང་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་བྱམས་པར་བྱོས་ལ་ཛམྦུའི་གླིང་ [409A]༄༅། །འདིར་ཆར་ཆེན་པོའི་རྒྱུན་ཕོབ་ཅིག་སཱཧཱ། མིའམ་ཅི་ཐམས་ཅད་ཀྱི་བདེན་པས་སྡིག་པ་ཐམས་ཅད་ཞི་བར་གྱིས་ཤིག་སེམས་ཅན་ཐམས་ཅད་ཚིམ་པར་ གྱིས་ཤིག་སཱཧཱ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་བདེན་པས་ཡངས་ཤིང་རྒྱ་ཆེ་བའི་ཆར་གྱི་རྒྱུན་ཕོབ་ཅིག་འདིར་ཆར་ལ་སྒྲིབ་པ་ལྔ་པོ་དག་ཡང་དག་པར་ཟུངས་ཤིག་སཱཧཱ། མི་ཐམས་ ཅད་ཀྱི་བདེན་པས་མི་ཐམས་ཅད་ལ་ཡོངས་སུ་སྲུངས་ཤིག་སཱཧཱ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། ད་ར་ད་ར། དི་རི་དི་རི། དུ་རུ་དུ་རུ། ན་ཊ་ན་ཊ། ནི་ཊི་ནི་ཊི། ནུ་ཊུ་ནུ་ཊུ། ཤིན་ ཏུ་མགྱོགས་པར་བཞུད་མ། སྤྲིན་ཆེན་པོའི་ཆུ་འཛིན་མ། སྤྲིན་ལྡན་མ། སྤྲིན་ཆེན་ལྡན་མ། སྤྲིན་ཆེན་ཆུ་འཛིན་མ། སྤྲིན་གསལ་མ་སྤྲིན་འབྱུང་མ། དུས་སྤྲིན་མ། སྤྲིན་གྱི་ འབྱུང་གནས་མ། སྤྲིན་སྒྲོག་མ། སྤྲིན་བཞུགས་མ། སྤྲིན་གྱི་ཅོད་པན་ལྡན་མ། སྤྲིན་གྱི་ཕྲེང་བ་མངའ་མ། སྤྲིན་གྱི་རྣམ་པར་བརྒྱན་མ། སྤྲིན་བཅིབས་མ། སྤྲིན་ལ་གནས་བཅས་མ་ སྤྲིན་གྱི་སྙིང་པོ། སྤྲིན་གྱི་རལ་པ་ཅན། སྤྲིན་འོད་མ། སྤྲིན་གྱི་འཁོར་ལྡན་མ། རྒྱ་ཆེན་སྤྲིན་བཞུགས་མ། མཆོད་ཕྱིར་སྤྲིན་ཐོགས་མ། ལོ་ཐོག་འོང་སྒྲུབ་མ། རི་སུལ་ན་བཞུགས་མ་ ཀླུའི་ཡུམ་བཅོམ་ལྡན་འདས་མ། སྤྲིན་ཆེན་དཔལ་ལྡན་སྐར་མདོག་ཅན་བསིལ་རེག་མ། ཆུབ་མ་ཆེན་པོ་སྤྱོད་ཡུལ་མ། ཀླུ་ཆེན་རྣམ་པར་རོལ་མཛད་མ། བཅོམ་ལྡན་འདས་མ་ [409B] སངས་རྒྱས་ཀྱི་བདེན་པས་ཛམྦུའི་གླིང་འདིར་ཆར་རབ་ཏུ་དབབ་ཏུ་གསོལ་སཱཧཱ། གྷ་ར་གྷ་ར། གྷི་རི་གྷི་རི། གྷུ་རུ་གྷུ་རུ། གྷི་རི་ནི་གྷི་རི་ནི། གྷུ་མ་གྷུ་ གྷུ་མ་གྷུ་མ་གྷུ་མ་གྷུ་མ་གྷུ་མ་གྷུ་མ་གྷུ་མ་རེ། དབུ་དགུ་དང་ལྡན་མ། སྤྲིན་ཆེན་ཕྲེང་ལྡན་མ། གློག་ཚོགས་ཕྲེང་ལྡན་མ་ལག་གིས་འགྲོ་ཐམས་ཅད་འཛིན་མ། སྤྲིན་ལྟ་བུའི་ན་བཟའ་ མནབས་མ། དུག་དྲག་པོ་ཐམས་ཅད་སྤྱོད་ཡུལ་མ། སྤྲིན་བཀོད་པ་ལ་བཅིབས་མ། འབྲུག་སྒྲོག་མ། སྒྲ་སྒྲོག་མ། ཀླུའི་ཚོགས་ལ་སྐུལ་མ་ལྷ་མོ་སྤྲིན་ཆེན་ཕྲེང་ལྡན་མ། ཀླུ་ཐམས་ ཅད་ལམ་བཤོལ་བར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཛམྦུའི་གླིང་འདིར་ཆར་ཕོབ་ཅིག་ཅེས་བསྐུལ་དུ་གསོལ་སཱཧཱ། ཡ་ར་ཡ་ར། ཡི་རི་ཡི་རི། ཡུ་རུ་ཡུ་རུ། ཛ་ར་ཛ་ར། ཛི་རི་ཛི་ རི༑ ཛུ་རུ་ཛུ་རུ། ཛྷ་ར་ཛྷ་ར། གུ་ཏུ་གུ་ཏུ། གུ་གུ་ཏུ། ག་ཊ་ག་ཊ། གི་ཊི་གི་ཊི། ཧ་ར་ཧ་ར། ཧི་ལི་ཧི་ལི། མུ་ལུ་མུ་ལུ། ཏ་ལ་ཏ་ལ། ཏི་ལི་ཏི་ལི། ཏུ་ལུ་ཏུ་ལུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་ པ་ཙ༑ གྲྀཧྞྞ་གྲྀཧྞྞ། མ་རྡ་མ་རྡ། པྲ་མ་རྔ་པྲ་བརཤ་བིག་ནན། མཻ་ཏྲེ་ཡོ་ད་ཉ་བ་ཡ་ཏི་སཱཧཱ། བུདྡྷེ་བུདྡྷེ། བུ་བུདྡྷེ། སུ་བུདྡྷེ། ཧ་ར་བ་བ་ན། སརྦ་སཏ་ནན། ཨ་དཧི་ཤྛ་ཡ་པུ་ཎྱ་མ། སརྦ་བུདྡྷ་ནན་ དྷ་རི་ནི་དྷ་རེ། ཤུ་བྷ་མ་ཏེ། གུ་ཎ་གྲ་པྲཱ་བ་ནེ། མ་ཧཱ་ཛྙཱ་ནོ་ལ་ཀེ་ཤུཀླ་དྷརྨེ། སཾ་པྲ་ཏི་ཛྙཱ་མ་ཧཱ་ཡཱ་ནཱ་དྷྱ་ཥི་ཏེ། ལོ་ཀ་ཛྱཻཥྛ་བྷ་ག་བ་ཏི། བུདྡྷ་མཻ་ཏྲེ་ཨ་ཡུ་པཱུ་ར་ཡ་སརྦ་ཀྵེ་ཏྲཱ་ནི། ཤུཀླེ་ཤྭེ་ཏཱ་ [410A]༄༅། །མ༑ བ་ར་དཱ་རེ། བ་ན་ཊ་ར་བ་སི་ནི། དཧུ་དཧུ་རེ། དཧུ་དཧུ་རུ། ཤ་མ་ཤ་མ། ཤཱནྟ་མཱ་ན་སེ། ཆར་གྱི་འགེགས་ཐམས་ཅད་རྣམ་པར་བསལ་བར་གསོལ་སཱཧཱ། དུས་ གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པས་བྱམས་པའི་ཐུགས་ཀྱིས་ཡང་དག་པ་བརྟུལ་ཞུགས་དང། དཀའ་ཐུབ་ཀྱི་ཐུགས་སྐྱོན་མེད་པས་ཀླུ་ཆེན་པོ་རྣམས་ལ་ ཡང་དག་པར་བསྐུལ་ལོ། །ཀླུའི་རྒྱལ་པོ་ཆེན་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་ཡང་དག་པར་བསྐུལ་ལོ།། ཛམྦུའི་གླིང་འདིར་རབ་ཏུ་ཆར་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་རབ་ཏུ་ཆར་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་རྒྱ་མཚོ་ ལ་ཡང་དག་བར་བསྐུལ་ལོ། །ཛམྦུའི་གླིང་འདིར་རབ་ཏུ་ཆར་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཡང་དག་པར་བསྐུལ་ལོ་།ཛམྦུའི་གླིང་འདིར་རབ་ཏུ་ཆར་ཕོབ་ཅིག་སཱཧཱ་ ཀླུའི་རྒྱལ་པོ་གཟི་ཅན་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་ཆུ་ལྷ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་འཇོག་པོ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་ཡང་དག་པར་བསྐུལ་ལོ། ། [410B] ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་བཏང་བཟུང་ལ་ ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཡང་དག་པར་བསྐུལ་ལོ་།ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་ པོ་ནུ་ཏ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ ཅིག་སཱཧཱ། ཀླུའི་རྒྱལ་པོ་དཔལ་བཟང་ལ་ཡང་དག་པར་བསྐུལ་ལོ་།ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་གློག་གི་ཕྲེང་བ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་ འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་ཆེན་པོ་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་ཐོགས་ ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་ སཱཧཱ། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཐམས་ཅད་ལ་ཡང་དག་པར་བསྐུལ་ལོ། །ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ་ནཱ་གེ་ནཱ་གེ་མ་ཧཱ་ནཱ་གེ་གྷོ་ར་མཱ་ན་སེ། ནཱ་ག་ཧྲྀ་ད་ཡ་ [411A]༄༅། །དཧུ་མ་ཀུ་ལེ། ཨུ་གྲ་རོ་ཥེ། པྲ་ཙཎྜ་ཏེ་ཛོ། བི་ཥོ་གྲེ་ཨཱ་ཤཱ་བི་ཤེ་ཨ་ཧི་གྷོ་རེ། ཀྲྀཥྣ་པིངྒི་ལེ། ཙ་ན་ཙ་ལེ། ལོ་ལ་ཛི་ཧྲེ། མ་ཧཱ་ཕ་ན་ཀ་རེ། ཀཱ་ལ་པཱ་ཤེ་རཽ་དྲ་པཱ་སི་ ནི༑ ཊུ་ཊུ་མ་བེ། གྷ་ཎ་གྷ་ཎ། ཤི་ཁི་ནི། ཀ་ཎ་ཀ་ཎ། ག་ཎ་ག་ཎ། མ་ཧཱ་ག་ཎ་ག་ཎ། པ་ར་པ་ར། པི་རི་པི་རི། པུ་རུ་པུ་རུ། པི་སྥཱུ་རྫ་ནེ། བཧུ་རུ་བཧུ་རུ། མ་ཧཱ་བཧོ་གེ་མ་ཎི་དྷ་རི། ཕི་རི་ཕི་རི་ ཕུ་རུ་ཕུ་རུ། ཕ་ར་ཕ་ར། བརྵ་བརྵ། ཛ་ལཱ་མ་བུ་དྷ་རེ། ཤ་མ་བུ་ཤ་མ་བུ། བ་ཏ་ཌུ་ཏུ་མ་པེ། དཧུ་ད་དཧུ་ད་དཧུ་མ་བེ། མེ་གྷ་པྲ་བཧེ། མེ་གྷ་པཱ་ཧི་ནེ། ཌྷ་ཀ་ཌྷ་ཀ་ཌྷ་ཀ་ཌྷུ་ཌྷུ་མ་བེ། གྷ་ནཱ་གྷ་ ཎཱ༑ ཤི་ཀི་ནི། ཀ་ན་ཀ་ན། ག་ཎ་ག་ཎ། མ་ཧཱ་ནཱ་ག་ག་ནེ། ནི་རཱ་ཏྲ་ནྱ། པ་ཛ་ར་ད་ཀཱ་རི་མ་ཧཱ་ནཱ་གཱ་དཧི་པ་ཏ་ཡེ་གྷུ་མ་གྷུ་མ་གྷུ་མ་པ་ཡཱ་སྟི་ཀ་ཛཱ་ངྒཱ་རི་བཧུ་ཛངྒ་མེ་བི་ཀ་ཏ་སངྐ་ཏེ། གྷོ་ར་ བི་སྤུ་རྫ་ནི་བཛྲི་མ་བྷནྟེ། ཀླུ་ཐམས་ཅད་དགུག་གོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པ་དང། བྱམས་པའི་ ཐུགས་ཀྱིས་ཛམྦུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཱཧཱ། ནམ་སརྦ་བུདྡྷ་བྷྱ་སིདྡྷནྟུ་མནྟྲ་པ་དཱ་ནི་སཱཧཱ། འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྟོང་ཕྲག་བརྒྱ་པ་ལས་ ཆར་དབབ་པ་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ་སྟེ། དྲུག་ཅུ་རྩ་བཞིའོ།། །།ཆོ་ག་ནི། ཆར་ཆེར་འབབ་པར་འདོད་ན། བླ་གབ་མེད་པའི་ས་ཕྱོགས་གཙང་མར་བླ་བྲེ་ [411B] བ་དན་སྔོན་པོ་དབྱང་ངོ། །ཆོས་སྨྲ་བ་ལུས་བཀྲུས་ལ་ཡན་ལག་བརྒྱད་པ་ལ་ཉེ་བར་གནས་ཤིང་གོས་གཙང་མ་སྔོན་པོ་བགོས་ལ། སྤོས་དྲི་ཞིམ་པོས་བསྐུས་ནས་ཟས་དཀར་ གསུམ་ཟོས་ལ་སྟན་སྔོན་པོའི་སྟེང་དུ་འདུག་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ ཉིན་མཚན་རྒྱུན་མི་འཆད་པར་བཀླག་པར་བྱའོ། །ཆུ་སྔོན་པོས་བཀང་བའི་བུམ་པ་གང་བ་བཞི་གཞག་པར་བྱའོ། །གཏོར་མ་དང་བདུག་པ་དང། མེ་ཏོག་ཅི་ནུས་ཀྱིས་སྦྱར་རོ། །དེ་ལ་ ཆོས་སྨྲ་བས་ཕྱོགས་བཞིར་བའི་ལྕི་བའི་ཁུ་བས་བྲི་བར་བྱ་སྟེ་ཤར་ཕྱོགས་སུ་ཁྲུ་གསུམ་ཙམ་དུ་ཀླུའི་རྒྱལ་པོ་མགོ་གསུམ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བའི་ལྕི་ བས་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ཁྲུ་ལྔ་ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་ལྔ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ཁྲུ་བདུན་ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་ བདུན་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ་།བྱང་ཕྱོགས་སུ་ཁྲུ་དགུ་ཙམ་དུ་ཀླུའི་རྒྱལ་པོ་མགོ་བོ་དགུ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །ཆོས་སྨྲ་ བས་རང་གི་ལུས་བསྲུངས་ལ་བྱམས་པ་ལ་གནས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཉེ་བར་བཞག་ནས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་ [412A]༄༅། །བཏབ་ལ་ཀླུ་རྣམས་དང་དགེ་བའི་རྩ་བ་བགོ་བར་བྱ་སྟེ། འདི་ནི། ཆོ་གའོ། །གང་ཞིག་ཆར་མི་འབབ་པའི་ཚེ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་འདི་ ཀློག་ན༑ ཉིན་ཞག་གཅིག་གམ། གཉིས་ནས་ཉིན་ཞག་བདུན་ཚུན་ཆད་གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། །རྒྱ་མཚོ་ནི། དུས་ལས་ཡོལ་ཀྱང་སྲིད་ཀྱི། ཐུབ་པ་ཆེན་པོའི་ གསུང་རབ་ཆར་གྱི་ཆོ་ག་འདི་ནི། གཞན་དུ་མི་འགྱུར་རོ། །དེ་ལྟ་མོད་ཀྱི། ཚུལ་ཁྲིམས་དང་ཡོན་ཏན་ལ་གནས་ཏེ་འཆལ་བའི་ཚུལ་ཁྲིམས་དང། ཤ་དང། ཉ་ལ་སོགས་པ་ཡོངས་ སུ་སྤང་བར་བྱའོ། །འོ་ཐུག་དང། ཞོ་དང། འོ་མ་དང། འབྲས་ཅན་བུ་རམ་ཅན་ལ་སོགས་པ་དང། མངར་གསུམ་ཟ་ཞིང་བཀླག་པར་བྱའོ། །དེ་ལྟར་ན་འགྲུབ་པར་འགྱུར་ཏེ་ ཐུབ་པའི་རྒྱལ་པོས་གསུངས་པ་བཞིན་དུ་ཐེ་ཚོམ་མེད་པར་བྱའོ་།འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས། ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་ དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཤཱི་ལེནྡྲ་བོ་དཧི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ་